
སྡེ་ཚན་གྱི་རྒྱབ་སྐྱོར།
ཛ་དྲག་གི་ཟ་ཆས་མཁོ་སྤྲོད།
སེང་གྷ་པོར་ནས་ཡིན་པའི་གནས་བླ་མ་བསོད་ནམས་བཀྲ་ཤིས་མཆོག་གི་སློབ་མ་དག་གི་རྒྱབ་སྐྱོར་འོག་ང་ཚོའི་དགོན་པའི་འདུན་པ་དག་གིས་ཏོག་དབྱིབས་ནད་དུག་གི་དཀའ་ཁག་ཆེ་བའི་སྐབས་སུ་དགོན་པའི་གཡས་གཡོན་གྱི་སྤུན་སྲིང་ལྟ་བུའི་དུད་ཁྱིམ་༢༥༠ ལྷག་ཅིག་ལ་འབྲས་དང་རྡ་ལི། སྣུམ། གཞན་འབྲུ་རིགས་བཅས་བགོ་འགྲེམས་ཞུས་ཡོད།
འགྲོ་བ་མི་གཅིག་གིས་ཀྱང་ལྟོགས་སྐོམ་མྱང་མི་དགོས་པར་ཤོག
ཆང་དྷ་རི་ས་གནས་ཉེན་རྟོག་ལས་ཁུངས་ནས་ད་ཐེངས་འདིའི་ཟས་རིགས་བཀྲམས་སྐབས་ལམ་སྟོན་དང་གནས་ཚུལ་མཐུན་སྦྱོར་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ།


ཏོག་དབྱིབས་ནད་དུག་ ༡༩ སྐབས་འཕྲོད་བསྟེན་དང་འབྲེལ་བའི་དང་བླངས་ཞབས་ཞུ།
ཏོག་དབྱིབས་ནད་དུག་༡༩ སྔོན་འགོག་ཆེད་བླ་མ་བཀྲ་ཤིས་བཟང་པོ་དང་ཁོང་གི་སློབ་མ་དག་གིས་ཨོ་ཌི་ཤ་ཕུན་ཚོགས་གླིང་ས་གནས་མི་མང་དང་དགེ་འདུན་པ་ཡོང་ལ་ཁ་རས་ཀྱི་སྦྱིན་བདག་གནང་ཡོད།
ད་དུང་ཁོང་ཚོས་སྨན་ལྷ་སྨན་ཁང་གི་སྨན་པ་དང་སྨན་ཞབས་པ་དག་ལ་PPE བགོ་འགྲེམས་ཞུས་ཡོད། སྨན་ལྷ་སྨན་ཁང་གིས་དུས་ཚོད་དཀའ་ཁག་ཅན་གྱི་སྐབས་སུ་རང་ཉིད་བློས་གཏོང་གིས་དཀའ་ལས་བསྐྱོན་པར་ང་ཚོས་སྙིང་དབུས་ནས་བཀའ་དྲིན་ཞུ་བཞིན་ཡོད།
ཕྱི་ཕྱོགས་ཀྱི་ང་ཚོའི་སྒྲིག་འཛུགས་ལ་རྒྱབ་སྐྱོར་བྱེད་པ།
ཁྱེད་ཀྱི་གཏོང་ཕོད་ཀྱིས་ང་ཚོར་མུ་མཐུད་དེ་དགོས་མཁོ་ངེས་ཅན་རྣམས་ལ་ཞབས་ཞུ་གལ་ཆེན་འདི་དག་སྒྲུབ་པ་དང་འཛམ་གླིང་ཀུན་ཁྱབ་ཀྱི་སྙིང་རྗེའི་རྨང་གཞི་རྣམས་རྒྱུན་འཁྱོངས་བྱེད་པར་རོགས་རམ་གནང་ཡོད།
Make an Offering