
བདུད་འདུལ་རབ་བརྟན་གླིང་དགོན་པ།
ཐོས་བསམ་སློབ་གཉེར་དང་ཉམས་ལེན་རྣལ་མའི་སྒོ་ནས་བདུད་འཇོམས་གཏེར་གསར་གྱི་ཆོས་བརྒྱུད་དང་སློབ་དཔོན་ཆེན་པོ་པདྨ་འབྱུང་གནས་ཀྱི་ཟབ་ཆོས་ཤེས་རབ་རྣམས་ཉམས་པ་མེད་པར་འཛིན་སྐྱོང་སྤེལ་གསུམ་བྱ་རྒྱུར་དམིགས་པ་ཡིན།
མ་འོངས་པའི་མི་རབས་གསར་པར་ཤེས་རབ་ཀྱི་སྒྲོན་མེ་བརྟན་པོར་འཛུགས་པ།
ཕྱི་ལོ་ ༡༩༥༩ ལོའི་གོང་དུ་བོད་ལྗོངས་ཀོང་པོའི་ས་ཕྱོགས་སུ༧སྐྱབས་རྗེ་བདུད་འཇོམས་འཇིགས་བྲལ་ཡེ་ཤེས་རྡོ་རྗེ་མཆོག་གིས་རིག་འཛིན་དགའ་ཚལ་གླིང་དགོན་པ་ཕྱག་བཏབ། ཕྱི་ལོ་ ༡༩༥༩ ལོའི་དུས་འགྱུར་རྗེས་སུ། རིན་པོ་མཆོག་གིས་བཙན་བྱོལ་དུ་བསྟན་པ་རིན་པོ་ཆེ་ཉམས་རྒུད་དུ་མི་འགྲོ་བའི་ཆེད་དུ་ཛ་དྲག་གི་དགོས་མཁོ་གཟིགས་ཏེ
ཨོ་ཌི་ཤ་མངའ་སྡེ་གཞུང་གི་རོགས་སྐྱོར་དང་བོད་མི་སྒྲིག་འཛུགས་ཀྱི་ལམ་སྟོན་འོག ཁོང་གིས་ཨོ་ཌི་ཤའི་ནང་དུ་སྔ་འགྱུར་རྙིང་མའི་ཆོས་བརྒྱུད་ཀྱི་ཐོས་བསམ་སློབ་གཉེར་དང་ཉམས་ལེན་བྱ་ཡུལ་གྱི་གནས་མཆོག་བདུད་འདུལ་རབ་བརྟན་གླིང་དགོན་པ་ཕྱག་བཏབ།
དེང་སང་དགོན་པ་འདིའི་ནང་གྲྭ་གཞོན་རྣམས་གསོ་སྐྱོང་གིས་གནའ་བོའི་རིག་གཞུང་སྲུང་སྐྱོབ་བྱས་ཏེ་འབྱུང་འགྱུར་གྱི་མི་རབས་མང་པོའི་རིང་དུ་བརྟན་པོར་གནས་ཐུབ་པའི་འགན་ལེན་བྱས་ཡོད།

“སྙིགས་མའི་དུས་འདིར་བསྟན་པ་ཉམས་པའི་སྐབས་སུ་བླ་མ་དམ་པ་ཚད་ལྡན་ལ་བརྟེན་ནས་ཆོས་ཚུལ་མཐུན་དུ་ཉམས་སུ་ལེན་པ་ནི་གལ་ཆེན་པོ་ཡིན།”
དགོན་པའི་གནས་ཚུལ་གསར་པ།

Lama Sonam Tashi Rinpoche’s Dharma Visit to Singapore, 2026
In 2026, Lama Sonam Tashi Rinpoche completed his Dharma activities in Singapore, continuing his autumn teaching travels in Southeast Asia.

Annual Examinations 2026: Teachers Guide Shedra Students
Before the 2026 annual examinations, teachers and lopons at Ngagyur Higher Buddhist Institute gave students teachings, advice and guidance.

ལྷ་བབས་དུས་ཆེན་ ༢༠༢༦ སྔ་འགྱུར་བདུད་འདུལ་རབ་བརྟན་གླིང་དགོན་པར།
ཕྱི་ལོ་ ༢༠༢༦ ཟླ་ ༡༡ ཚེས་ ༡ ཉིན་གྱི་ལྷ་བབས་དུས་ཆེན་སྐབས། གཞན་ཕན་བཤད་སྒྲུབ་གླིང་གིས་གནས་བརྟན་བཅུ་དྲུག་ལ་གསོལ་འདེབས་སྨོན་ལམ་དང་། འགྲན་བསྡུར་ནང་ཐོབ་ཐང་བླངས་མི་རྣམས་ལ་གཟེངས་རྟགས་ཕུལ་ཏེ་ལོ་འཁོར་སློབ་གཉེར་གྱི་མཇུག་བསྡུས་པ་ཡིན།
ཟངས་མདོག་དཔལ་རི་བཞེངས་སྐྲུན།
ང་ཚོས་ད་ལྟའི་ཆར་ནི་གུ་རུ་རིན་པོ་ཆེའི་དག་ཞིང་གི་རྟེན་གཞི་ཟངས་མདོག་དཔལ་རིའི་གཙུག་ལག་ཁང་བཞེངས་སྐྲུན་བྱེད་བཞིན་ཡོད་པ་འདིའི་བཟོ་བཀོད་ཁྱད་དུ་འཕགས་ཤིང་། འདིའི་ནང་རྟེན་མཆོག་བྱིན་ཅན་བཞུགས་སུ་གསོལ་རྒྱུ་དང་། སྒོམ་སྒྲུབ་བྱ་ཡུལ་གྱི་ལྟེན་གཞི་ཞིག་ཏུ་བསྒྱུར་རྒྱུ་དེ་ཡིན།



གྲྭ་གཞོན་རྣམས་ལ་རོགས་སྐྱོར།
ཁྱེད་ཀྱི་ལྷག་བསམ་ཟོལ་མེད་ཀྱི་ཞལ་འདེབས་ལ་བརྟེན་ནས། ང་ཚོའི་དགོན་པ་འདིདགེ་འདུན་པ་བརྒྱ་ཕྲག་ལྷག་གི་འཚོ་གནས་ཀྱི་བརྟེན་གཞིར་་གནས་ཐུབ་པ་དང་། ཁོང་ཚོའི་ཞལ་ལག་དང་། འཕྲོད་བསྟེན། སྲོལ་རྒྱུན་གྱི་ཤེས་ཡོན་སློབ་གཉེར་བཅས་སྦྱོར་ཐུབ་བཞིན་ཡོད།
ཞལ་འདེབས་འབུལ་རྒྱུ།འཛམ་གླིང་ཡོངས་ཀྱི་ཉམས་ལེན་པ་རྣམས་གཅིག་སྒྲིག་གནང་བ།

















