༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ། (༡༩༠༤–༡༩༨༧)
བཀུར་འོས་པའི་བརྒྱུད་པ།

༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ། (༡༩༠༤–༡༩༨༧)

དམ་པའི་ལུང་བསྟན།

༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གི་རྩ་ཆེའི་ལུང་བསྟན།

ཨོ་རྒྱན་བདེ་ཆེན་གླིང་པས་ལུང་བསྟན་པ་ལྟར། “མ་འོངས་པ་ན་བོད་ཡུལ་དུ། རི་བོ་རྩེ་དགུའི་ཤར་ཕྱོགས། རང་བྱུང་རྡོ་རྗེ་ཕག་མོའི་གནས་མཆོག་ཏུ་། རྒྱལ་རིགས་འབྲོག་བན་གྱི་སྤྲུལ་པ་ཛྙཱ་ན་ (ཡེ་ཤེས་) ཞེས་བྱ་བ་ཞིག་འབྱུང་བར་འགྱུར། ཁོང་གི་མཛད་པ་འཕྲིན་ལས་རྣམས་གསང་སྔགས་རྡོ་རྗེ་ཐེག་པ་དང་མཐུན་ཡང་། ཀུན་སྤྱོད་ངོ་མཚར་ཁྱད་འཕགས། ཁྱེའུ་བློ་གྲོས་རྨད་དུ་བྱུང་བ་ཞིག་གི་ཚུལ་དུ་བཞུགས།

ཁོང་གིས་གཏེར་མའི་ཆོས་གསར་གཏོད་དང་གཏེར་རྙིང་མི་ཉམས་རྒྱུན་འཛིན་གནང་བར་འགྱུར། ཁོང་དང་སུ་འདྲ་ཞིག་འབྲེལ་བ་བྱུང་ཚེ་རྔ་ཡབ་གླིང་ (ཟངས་མདོག་དཔལ་རི་) དུ་འདྲེན་པར་འགྱུར་རོ།

Formal portrait of H.H. Dudjom Rinpoche
H.H. Dudjom Rinpoche in his youth
སྦས་ཡུལ།

༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་སྐུ་འཁྲུངས་པ།

སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ནི་རབ་བྱུང་བཅོ་ལྔ་པའི་ཤིང་འབྲུག་ལོར་ (ཕྱི་ལོ་ ༡༩༠༤ ཟླ་ ༦ ཚེས་ ༡༠ ཉིན་) གུ་རུ་རིན་པོ་ཆེའི་གནས་ཆེན་བཞིའི་ཡ་གྱལ་བོད་ལྷོ་ཤར་ཕྱོགས་ཀྱི་པདྨ་བཀོད་དུ་སྐུ་དྲག་གི་རིགས་སུ་སྐུ་འཁྲུངས། ཁོང་ནི་གཉའ་ཁྲི་བཙན་པོ་དང་ཀོང་པོ་ཀ་ནམ་སྡེ་པའམ་སྤོ་བོ་རྒྱལ་པོའི་གདུང་བརྒྱུད་དེ་བཙན་པོའི་རྒྱལ་རྒྱུད་དངོས་ཡིན།

ཡབ་ཀ་ཐོག་སྤྲུལ་སྐུ་ནོར་བུ་བསྟན་འཛིན་ནི་ཀ་ཐོག་དགོན་པའི་བླ་མ་པདྨ་བཀོད་ས་གནས་སུ་སྙན་གྲགས་ཅན་གྱི་སྤྲུལ་སྐུ་ཞིག་ཡིན་པ་དང་། ཡུམ་རཏྣ་གླིང་པའི་གདུང་བརྒྱུད་པདྨ་བཀོད་ཀྱི་ས་གནས་ཀྱི་མི་རྒྱུད་རྣམ་རྒྱལ་སྒྲོལ་མ་ཞུ་བ་དེ་ཡིན། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ནི་རང་གི་སྐུ་ཕྲེང་སྔོན་མ་ཁག་ནས་བཟུང་ཀ་ཐོག་དགོན་པ་དང་རྟག་ཏུ་ཐུན་མོང་མ་ཡིན་པའི་འབྲེལ་བ་ཆེན་པོ་ཡོད་དེ། ཁོང་གི་སྐུ་ཕྲེང་དགུ་པ་ནི་ཀ་ཐོག་དགོན་པ་ཕྱག་འདེབས་མཁན་དམ་པ་བདེ་གཤེགས་ (༡༡༢༢-༡༡༩༢) ཡིན་པ་དང་། སྐུ་ཕྲེང་བཅོ་ལྔ་པ་ནི་ཀ་ཐོག་དགོན་པ་མི་ཉམས་གོང་འཕེལ་དང་བསྐྱར་གསོ་གནང་མཁན་བསོད་ནམས་ལྡེ་བཙན་ཡིན།

རྩ་ཆེའི་དམ་བཅའ།

སུ་དང་གང་ཞིག་ཁོང་དང་འབྲེལ་བ་བྱུང་ན་དེ་ཉིད་ཟངས་མདོག་དཔལ་གྱི་རིལ་འཁྲིད་ངེས་སུ་གསུངས་སོ།

༧སྐྱབས་རྗེ་ཨོ་རྒྱན་བདེ་ཆེན་གླིང་པའི་ལུང་བསྟན་ལྟར་ན།

གཏེར་སྟོན་པ།

༧སྐྱབས་རྗེ་བདུད་འཇོམས་གཏེར་སྟོན་རིན་པོ་ཆེ་མཆོག་གི་སྐུའི་ཡང་སྲིད་ཕེབས་དགོས་པའི་རྒྱུ་མཚན།

སྐྱབས་རྗེ་མཆོག་ནི་གཏེར་ཆོས་ཟབ་མོ་མང་པོ་གཏེར་ནས་བཞེས་མཁན་གྱི་གཏེར་སྟོན་སྙན་གྲགས་ཅན་བདུད་འཇོམས་གླིང་པའི་ (༡༨༣༥-༡༩༠༤) ཡང་སྲིད་དུ་ངོས་འཛིན་གནང་བ་ཡིན། ལྷག་པར་དུ་པོད་ཉེར་གཅིག་བཞུགས་པའི་རྡོ་རྗེ་ཕུར་པའི་ཉམས་ལེན་གྱི་སྐོར་རྣམས་གཏེར་ནས་བཞེས། བདུད་འཇོམས་གླིང་པས་བོད་ལྷོ་ཕྱོགས་སུ་ཕེབས་ཏེ་གནས་མཆོག་པདྨ་བཀོད་ཀྱི་གནས་གསར་རྙེད་དང་ཞལ་འབྱེད་རྒྱུའི་ཐུགས་འདོད་ཡོད་ཀྱང་། དངོས་སུ་ཕེབས་མ་ཐུབ་པར་བརྟེན། ཁོང་གི་ཡང་སྲིད་ས་གནས་དེར་སྐུ་འཁྲུངས་ཏེ་གནས་མཆོག་རང་ཉིད་ཀྱིས་ཞལ་འབྱེད་པར་འགྱུར་བའི་ལུང་བསྟན། བདུད་འཇོམས་གླིང་པའི་བསྟན་པ་འཛིན་པ་རྫ་བོ་ཧུང་སྤྲུལ་སྐུ་འགྱུར་མེད་ངེས་དོན་དབང་པོ་དང་གླིང་གི་བླ་མ་ཐུབ་བསྟན་ཆོས་འབྱོར་རྣམ་གཉིས་པདྨ་བཀོད་དུ་བྱོན་ནས་ཁོང་ཉིད་གདན་སར་མངའ་གསོལ། རིམ་བཞིན་བདུད་འཇོམས་གོང་མའི་ཞལ་སློབ་རྣམས་ཆེད་དུ་ཕེབས་ཏེ་ཁོང་ལ་གུས་ཕྱག་ཕུལ།

སྲོལ་རྒྱུན་ལ་བྱང་ཆུབ་པ།

༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་དབང་ལུང་མན་ངག་ལ་ཐོས་བསམ་རྒྱ་ཆེ་མཛད་ཚུལ།

སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་པདྨ་བཀོད་དུ་མཁན་པོ་ཨ་བསྟན་ལས་དབུ་བཙུགས་ཏེ། སྐབས་དེའི་བླ་མ་མཁས་གྲུབ་གཉིས་ལྡན་རྣམས་ཀྱི་དྲུང་ནས་སློབ་གཉེར་གནང་། ཁོང་གིས་སྡོམ་གསུམ་དང་སྤྱོད་འཇུག་སོགས་གཞུང་ཆེན་དང་འགྲེལ་པ་མང་པོར་གསན་བསམ་མཛད། བླ་མ་དཀོན་རབ་ཀྱིས་གསུངས་པ་ལྟར་ན། སྐྱབས་རྗེ་མཆོག་དགུང་ལོ་ལྔ་ལ་ཕེབས་སྐབས་ནས་གཏེར་ཁ་བཞེས་འགོ་ཚུགས། དགུང་ལོ་བརྒྱད་ལ་ཕེབས་སྐབས། རྫ་དཔལ་སྤྲུལ་རིན་པོ་ཆེའི་ (༡༨༠༨-༡༨༨༧) ཞལ་སློབ་རང་གི་དགེ་བའི་བཤེས་གཉེན་ཨོ་རྒྱན་ཆོས་འགྱུར་རྒྱ་མཚོའི་དྲུང་ནས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་ “སྤྱོད་འཇུག་” ལ་གསན་བསམ་དབུ་བཙུགས།

ཁོང་གིས་རྫ་བོ་ཧུང་སྤྲུལ་སྐུ་འགྱུར་མེད་ངེས་དོན་དབང་པོའི་དྲུང་དུ་ལོ་བཅུ་དྲུག་གི་རིང་གསན་བསམ་གནང་ཞིང་། རྫོགས་པ་ཆེན་པོའི་གདམས་པ་རྣམས་ལ་ཐུགས་རྟོགས་ཆེན་པོ་འཁྲུངས། རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་ཆོས་ཀྱི་བློ་གྲོས་ལས་ “གསང་བ་སྙིང་ཐིག་” གི་རྒྱུད་ལུང་མན་ངག་གི་གདམས་པ་མཐའ་དག་གསན། རི་བོ་ཆེའི་རྗེ་དྲུང་འཕྲིན་ལས་བྱམས་པའི་འབྱུང་གནས་ (བདུད་འཇོམས་ནམ་མཁའི་རྡོ་རྗེ་) ལས་རྫོགས་ཆེན་གྱི་གདམས་པ་ཟབ་མོ་མང་དུ་གསན།

སྐུ་གཞོན་ནུའི་དུས་སུ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་དབུས་གཙང་གི་སྨིན་གྲོལ་གླིང་དང་། རྡོ་རྗེ་བྲག ཐར་རྗེ་སྡིངས་པོ་གླིང་སོགས་ཀྱི་གདན་ས་ཆེན་པོ་ཁག་དང་། བོད་ཤར་ཕྱོགས་ཀྱི་ཀ་ཐོག་དང་རྫོགས་ཆེན་དགོན་སོགས་ཀྱི་བཤད་གྲྭ་ཆེན་མོ་ཁག་ཏུ་ཞུགས་ཏེ་གསན་བསམ་མཛད། ལྷག་པར་དུ་རྙིང་མའི་ལུགས་ཀྱི་རྟོགས་པ་མཐར་ཕྱིན་པ་གནང་ཆེད་སྨིན་གྲོལ་གླིང་དུ་ཕྱིར་ཕེབས་གནང་། དེར་སྨིན་གླིང་རྡོ་རྗེ་སློབ་དཔོན་རྡོར་འཛིན་ནམ་མཁའ་གྲོལ་རྒྱ་མཚོའི་དྲུང་ནས་གཏེར་བདག་གླིང་པའི་ཕྱག་བཞེས་ཀྱི་ཆོ་ག་དང་། དཀྱིལ་འཁོར། དབྱངས་རྟ། གར་འཆམ། རོལ་མོ་སོགས་གདམས་པ་མང་པོ་དང་ལྷན་དུ་ཡོངས་སུ་གསན། གཞན་ཡང་བོད་བརྒྱུད་ནང་བསྟན་སྔ་འགྱུར་རྙིང་མ་པའི་ཆོས་སྐོར་མཐའ་དག་གསན་བསམ་གནང་བར་སྐྱེས་ཆེན་དམ་པ་དང་དགེ་བའི་བཤེས་གཉེན་མང་པོ་བསྟེན་གནང་མཛད།

རྟོགས་ལྡན་བསྟན་པའི་དྲུང་ནས་སྐྱབས་རྗེ་མཆོག་གིས་མཁན་ཆེན་ཉོས་ཤུལ་ལུང་རྟོགས་བསྟན་པའི་ཉི་མའི་བརྒྱུད་པ་སྟེ། “རྫོགས་ཆེན་སྙིང་ཐིག་ཡབ་བཞི་” ཡི་དབང་ལུང་གཉིས་ཀ་གསན། རི་བོ་ཆེའི་རྗེ་དྲུང་རིན་པོ་ཆེའི་དྲུང་ནས་ “བཀའ་འགྱུར་” གྱི་ལུང་དང་། “གདམས་ངག་མཛོད་” གསང་ཆེན་ངེས་པའི་རྒྱུད་བཅུ་བདུན། “སྙིང་ཐིག་ཡབ་བཞི་” སོགས་དང་། རྫོགས་པ་ཆེན་པོའི་གདམས་པ་མཐའ་དག་གསན། སྐྱབས་རྗེ་མཆོག་གིས་ཆོས་སྐོར་དེ་དག་ཡོངས་སུ་གསན་པས་རང་གི་བླ་མའི་ཐུགས་ཀྱི་སྲས་གཅིག་པུར་གྱུར། སྤྲུལ་སྐུ་ཀུན་བཟང་ཐེག་མཆོག་བསྟན་པའི་རྒྱལ་མཚན་གྱི་དྲུང་ནས་ཀྱང་ཟབ་མོ་དང་གལ་ཆེན་གྱི་གདམས་པ་མང་པོ་གསན། སྔགས་བཙུན་དགེ་འདུན་རྒྱ་མཚོའི་དྲུང་ནས་པདྨ་གླིང་པའི་ཆོས་སྐོར་ཡོངས་རྫོགས་དང་། ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་ (༡༣༠༣-༡༣༦༣) “མཛོད་བདུན་” སོགས་གདམས་པ་མང་པོ་གསན།

གཞན་ཡང་། ཀུན་མཁྱེན་མི་ཕམ་རིན་པོ་ཆེའི་ (༡༨༤༨-༡༩༡༢) ཞལ་སློབ་མཁན་ཆེན་འཇམ་དཔལ་བདེ་བའི་ཉི་མ་ཕན་བདེ་འོད་ཟེར་གྱི་དྲུང་ནས། སྐྱབས་རྗེ་མཆོག་གིས་ “རྙིང་མ་བཀའ་མ་” དང་། “བཀའ་བརྒྱད་” ཀྱི་དབང་ཆེན། སངས་རྒྱས་གླིང་པའི་ “བླ་མ་དགོངས་འདུས་” ཟུར་ལུགས་ཀྱི་ “གསང་བ་སྙིང་པོ་” བཅས་དང་ལྷན་དུ་ “འོད་གསལ་གསང་བ་སྙིང་ཐིག་” གི་ཆོས་སྐོར་རྣམས་གསན། སྐྱབས་རྗེ་མཆོག་གིས་ཀུན་མཁྱེན་མི་ཕམ་རིན་པོ་ཆེ་རང་གི་གསུང་འབུམ་ཆེན་མོ་ཁག་གི་རྒྱུད་འགྲེལ་དང་། “སྙིང་ཐིག་ཡབ་བཞི་” སོགས་རྒྱུད་ཀྱི་འགྲེལ་པ་མང་པོའང་གསན། སྐྱབས་རྗེ་མཆོག་གིས་མཁན་ཆེན་འཇམ་བདེ་འདི་ཉིད་རང་གི་བཀའ་དྲིན་དང་ཐུགས་བརྩེ་བ་ཆེན་པོ་ཡོད་པའི་བླ་མ་གཉིས་པར་བརྩི་གནང་མཛད་ཅིང་། ཁོང་གི་དྲུང་ནས་སོ་ཐར་དང་། བྱང་སེམས། གསང་སྔགས་རྡོ་རྗེ་ཐེག་པ་བཅས་ཀྱི་སྡོམ་པ་མང་པོ་བཞེས།

སྐྱབས་རྗེ་མཆོག་གིས་མཁན་ཆེན་ཉོས་ཤུལ་ལུང་རྟོགས་བསྟན་པའི་ཉི་མའི་ཞལ་སློབ་ཏུ་གྱུར་པའི་སྐྱེས་ཆེན་དམ་པ་རྣམས་ཏེ། མཁན་པོ་ངག་དབང་དཔལ་བཟང་དང་། བྱ་བྲལ་སངས་རྒྱས་རྡོ་རྗེ། བླ་མ་ཨོ་རྒྱན་རིག་འཛིན། ཀ་ཐོག་ཕྱག་ཚ་སྤྲུལ་སྐུ། ཕུ་ལུང་སངས་རྒྱས་སྤྲུལ་སྐུ། འགྱུར་མེད་ཕན་བདེའི་འོད་ཟེར་སོགས་ཀྱི་དྲུང་ནས་ཀྱང་ཆོས་གསན། སྐྱབས་རྗེ་མཆོག་གིས་ཁོང་རྣམ་པའི་དྲུང་ནས་ཆོས་གསན་པ་མ་ཟད། ཁོང་རྣམ་པ་ཚོར་ཡང་ཆོས་ཀྱི་འཁོར་ལོ་བསྐོར་གནང་མཛད།

སྐྱབས་རྗེ་མཆོག་གི་ཟབ་མོའི་ཐུགས་རྟོགས།

སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་ཉམས་ལེན་ལ་ཐུགས་ནན་ཏན་ཆེན་པོ་གནང་སྟེ། མཁན་པ་ལྗོངས་ (ཕུན་ཚོགས་དགའ་ཚལ་) ཞེས་པའི་སྦས་གནས་སུ་བྱོན་ནས། བདུད་འཇོམས་གནམ་ལྕགས་སྤུ་གྲིའི་རྡོ་རྗེ་ཕུར་པའི་བསྙེན་སྒྲུབ་མཐར་ཕྱིན་པར་མཛད། སྐྱབས་རྗེ་མཆོག་གིས་སངས་རྒྱས་ཚེ་དཔག་མེད་ཀྱི་ཚེ་སྒྲུབ་གནང་སྐབས་ཚེ་ཆང་ཁོལ་བའི་རྟགས་བྱུང་། གཞན་ཡང་བདུད་འདུལ་གྲོ་ལོད་ཀྱི་ཐུགས་གཏེར་ཉམས་ལེན་གནང་བའི་སྐབས་སུ་ངོ་མཚར་བའི་ལྟས་བཟང་པོ་དུ་མ་བྱུང་། སྤ་གྲོ་སྟག་ཚང་དུ་བཞུགས་སྐབས། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་ “སྤུ་གྲི་རེག་གཅོད་” དང་། “མཚོ་སྐྱེས་ཐུགས་ཐིག་” “མཁའ་འགྲོ་ཐུགས་ཐིག་” བཅས་གཏེར་ནས་བསྐྱར་དུ་བཞེས་ཤིང་། དེ་དག་གི་རྩ་བའི་གཞུང་རྣམས་ཕྱག་བྲིས་སུ་བསྩལ། མདོར་ན་སྐྱབས་རྗེ་མཆོག་གིས་སྒྲུབ་པ་སྙིང་པོར་མཛད་པའི་གནས་ཆེན་གལ་ཆེན་འདི་དག་ཐམས་ཅད་དུ་རྟག་ཏུ་གྲུབ་པའི་རྟགས་དང་མཚན་མ་བཟང་པོ་འཁྲུངས་སོ།

སྐྱབས་རྗེ་མཆོག་གི་གསུང་རྩོམ།

སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ནི་གསུང་རྩོམ་ཤིན་ཏུ་མང་བའི་རྩོམ་པ་པོ་དང་མཁས་དབང་ཆེན་པོ་ཞིག་ཡིན་པས་འཛམ་གླིང་ཡོངས་སུ་སྙན་གྲགས་ཁྱབ། ཁོང་གི་གསུང་རྩོམ་རྣམས་ནི་སྙན་ངག་དང་། ལོ་རྒྱུས། གསོ་བ་རིག་པ། སྐར་རྩིས། ལྟ་གྲུབ་སོགས་ནང་བསྟན་རིག་གནས་ཀྱི་སྲོལ་རྒྱུན་གནས་ཆེན་མཐའ་དག་ལ་གཟིགས་རྒྱ་དང་མཁྱེན་རྒྱ་ཆེན་པོ་མངའ་བས་ཡོངས་སུ་བསྔགས། སྐྱབས་རྗེ་མཆོག་ནི་ཡིད་དབང་འཕྲོག་པའི་ཉམས་འགྱུར་ལྡན་པའི་ཉམས་རྟོགས་ཀྱི་མགུར་མ་རྩོམ་པ་ལ་མཁས་ཤིང་། ཁྱད་པར་དུ་རྫོགས་པ་ཆེན་པོའི་གནད་དང་ཐུགས་རྟོགས་ཀྱི་དོན་རྣམས་ཤེལ་དཀར་ལྟར་གསལ་ཞིང་དྭངས་པའི་སྒོ་ནས་མཚོན་པར་བྱེད་པའི་ཐུན་མོང་མ་ཡིན་པའི་ཐུགས་རྩལ་གདམས་པ་ཁྱད་པར་ཅན་མངའ་འོ།

སྐྱབས་རྗེ་མཆོག་གི་པོད་ཉེར་ལྔ་བཞུགས་པའི་གསུང་འབུམ་གྱི་ནང་དུ་ཁོང་གི་གསུང་རྩོམ་ཡོངས་རྫོགས་འདུས་མེད། ཁོང་གི་གསུང་རྩོམ་ཁྲོད་ནས་ཆེས་ཀློག་མང་ཤོས་ནི་རྒྱ་གར་དུ་ཞབས་སོར་འཁོད་མ་ཐག་ཏུ་རྩོམ་སྒྲིག་གནང་བའི་ “བསྟན་པའི་རྣམ་གཞག་” དང་ “བོད་བརྒྱུད་ནང་བསྟན་སྔ་འགྱུར་རྙིང་མ་པའི་ཆོས་འབྱུང་” བཅས་ཡིན། གསུང་རྩོམ་འདི་དག་ད་ལྟ་འགྱུར་མེད་རྡོ་རྗེ་དང་མཱ་ཐིའུ་ཁབ་སི་ཊིན་ (Matthew Kapstein) རྣམ་གཉིས་ཀྱིས་དབྱིན་ཡིག་ཏུ་བསྒྱུར་ཏེ་ཝིསི་ཌམ་དཔེ་སྐྲུན་ཁང་ (Wisdom Publications) གིས་དཔེ་སྐྲུན་ཞུས་ཡོད། སྐྱབས་རྗེ་མཆོག་གི་རྒྱ་རིགས་ཆོས་ཀྱི་སྐུ་ཚབ་བླ་མ་བསོད་ནམས་ཆོས་ཀྱི་རྒྱལ་མཚན་ (མཚན་གཞན་གུ་རུ་ལིག་ཡུས་ཆེ་ Guru Lau Yui-che) མཆོག་གིས་མིང་ཅུ་སྤྲུལ་སྐུའི་རོགས་རམ་འོག གསུང་རྩོམ་དེ་དག་རྒྱ་ཡིག་ཏུ་བསྒྱུར་ཏེ་ཐེ་ཝན་གྱི་གསང་སྔགས་དཔེ་སྐྲུན་ཁང་ (Secret Vehicle Publications) གིས་དཔེ་སྐྲུན་ཞུས་ཡོད།

སྐྱབས་རྗེ་མཆོག་གི་མཛད་པ་གལ་ཆེན་དང་གཙོ་བོ་གཞན་ཞིག་ནི། སྔོན་བྱོན་དང་དེང་རབས་ཀྱི་གསུང་རབ་མང་པོ་ཞིག་ལ་ཞུ་དག་དང་། ནོར་བཅོས། རྩོམ་སྒྲིག་བཅས་གནང་རྒྱུ་དེ་ཡིན། དེའི་ནང་དུ་སྔ་འགྱུར་རྙིང་མ་པའི་བཀའ་མ་ཤིན་ཏུ་རྒྱས་པ་པོད་ལྔ་བཅུ་ང་བརྒྱད་བཞུགས་པ་ཡོངས་རྫོགས་འདུས་ཤིང་། མཛད་པ་འདི་ནི་ཇི་ལྟར་འཇམ་མགོན་ཀོང་སྤྲུལ་གྱིས་གཏེར་ཆོས་རྣམས་ཕྱོགས་བསྡུས་གནང་བ་བཞིན། སྐྱབས་རྗེ་མཆོག་དགུང་ལོ་བདུན་ཅུ་དོན་བཞིའི་ཐོག་ནས་དབུ་བཙུགས་གནང་བ་ཞིག་ཡིན། སྐྱབས་རྗེ་མཆོག་གི་སྒེར་གྱི་དཔེ་མཛོད་ཁང་དུ་བོད་ཕྱི་ལོགས་སུ་བཞུགས་པའི་རྩ་ཆེའི་ཕྱག་བྲིས་མ་དང་གསུང་རབ་ཀྱི་ཕྱོགས་བསྡུས་ཆེ་ཤོས་དེ་བཞུགས་ཡོད།

གུ་རུ་རིན་པོ་ཆེའི་རྒྱལ་ཚབ།

སྐྱབས་རྗེ་མཆོག་གིས་དམ་པའི་ཆོས་ཀྱི་འཁོར་ལོ་བསྐོར་བའི་མཛད་པ།

སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ནི་རྒྱ་ཆེ་ཞིང་གཏིང་ཟབ་པའི་སྔ་འགྱུར་རྙིང་མའི་བརྒྱུད་པའི་ཆོས་སྐོར་གྱི་དབང་ལུང་ཡོངས་རྫོགས་གསན་བསམ་གནང་མཁན་གཅིག་པུ་དེ་ཡིན་ལ་ལྷག་པར་དུ་གཏེར་སྟོན་ཆེན་པོའི་་མཚན་སྙན་ས་སྟེང་དུ་ཁྱབ་ཡོད། ཁོང་གིས་མཛད་པའི་གཏེར་ཆོས་རྣམས་ད་ལྟའང་རྒྱ་ཁྱབ་ཏུ་སློབ་གཉེར་དང་ཉམས་ལེན་བྱེད་བཞིན་ཡོད་པ་མ་ཟད། རྫོགས་པ་ཆེན་པོའི་གདམས་པ་སྤེལ་མཁན་གྱི་དབུ་ཁྲིད་གཙོ་བོ་དེ་ཡིན། དོན་དངོས་ཐོག་སྐྱབས་རྗེ་མཆོག་ནི་དེང་གི་དུས་རབས་འདིར་གུ་རུ་རིན་པོ་ཆེའི་སྐུ་དངོས་དང་དུས་འདིར་གུ་རུ་རིན་པོ་ཆེའི་ངོ་ཚབ་ལྟ་བུར་ཀུན་གྱིས་བརྩི་བཀུར་ཞུས། ཁོང་ནི་བླ་མ་མང་པོའི་བླ་མ་ཡིན། བོད་ཀྱི་བླ་ཆེན་མཁས་གྲུབ་རྣམས་ཀྱིས་ཀྱང་སྐྱབས་རྗེ་མཆོག་ནི་བློ་སྦྱོང་ལ་མཁས་པ་དང་ཐུགས་རྟོགས་ཟབ་མོ་ཡོད་པ་ཀུན་གྱིས་ཞལ་གྱིས་བཞེས་ཡོད་ཅིང་། ཁོང་ཚོའི་སློབ་མ་རྣམས་བློ་སྦྱོང་ཉམས་ལེན་ལ་གྲ་སྒྲིག་ཨང་བསར་ཡོད་སྐབས་སྐྱབས་རྗེ་མཆོག་གི་དྲུང་དུ་མངགས་ཀྱི་ཡོད། དོན་དངོས་ཐོག་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ནི་ད་ལྟའི་དུས་སུའང་ཞལ་བཞུགས་ཤིང་མཛད་པ་བསྐྱང་བཞིན་པའི་བླ་ཆེན་སྙན་གྲགས་ཅན་མང་པོའི་རྩ་བའི་བླ་མ་ཡིན།

རང་གི་བླ་མ་རྣམས་ཀྱིས་ལུང་བསྟན་པ་ལྟར། སྐྱབས་རྗེ་མཆོག་གིས་ “རིན་ཆེན་གཏེར་མཛོད་” ཀྱི་དབང་ཆེན་ཐེངས་བཅུ་དང་། པདྨ་གླིང་པའི་ “པད་གླིང་ཆོས་སྐོར་” ཐེངས་གསུམ། “བཀའ་འགྱུར་” དང་ “སྔ་འགྱུར་རྙིང་མ་རྒྱུད་འབུམ།” “བཀའ་བརྒྱད་” ཀྱི་སྒྲུབ་དབང་། “འཇའ་ཚོན་པོད་དྲུག” “རྙིང་མ་བཀའ་མ་” ཡི་དབང་ལུང་ཡོངས་རྫོགས། དེ་བཞིན་རང་གི་གཏེར་ཆོས་ “བདུད་འཇོམས་གཏེར་གསར་” ལུགས་ཀྱི་ཆོས་སྐོར་དང་། གཞན་ཡང་གྲངས་ལས་འདས་པའི་གལ་ཆེན་གྱི་གདམས་པ་ཟབ་མོ་མང་པོའི་ཆོས་ཀྱི་འཁོར་ལོ་བསྐོར་གནང་མཛད།

སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གི་མཛད་པ་འཕྲིན་ལས་ཀྱི་ལྟེ་གནས་གཙོ་བོ་ནི་བོད་དབུས་ཕྱོགས་ཡིན་ཞིང་། དེར་ཁོང་གིས་སྨིན་གྲོལ་གླིང་གི་ཕྱག་བཞེས་སྲོལ་རྒྱུན་མི་ཉམས་པར་སྐྱོང་གནང་མཛད་པ་དང་། ལྷག་པར་དུ་བོད་ལྷོ་ཕྱོགས་ཀྱི་ཀོང་པོ་དང་སྤོ་བོ་ས་གནས་སུ་ཡོད་པའི་པདྨ་ཆོས་གླིང་དང་རང་གི་གདན་ས་གཞན་དག་ཏུ་མཛད་པ་རྒྱ་ཆེར་བསྐྱངས། པདྨ་བཀོད་དུ་སྐྱབས་རྗེ་མཆོག་གིས་དགོན་པ་གསར་པ་མང་པོ་དང་། དགེ་སློང་དང་སྔགས་པ་གཉིས་ཀའི་ཆེད་དུ་བཤད་གྲྭ་གཉིས་ཀྱང་གསར་བཏོད་གནང་། ཀོང་པོའི་ས་ཕྱོགས་སུ་སྐྱབས་རྗེ་མཆོག་གིས་མཐའ་འདུལ་བུ་ཆུ་ལྷ་ཁང་བསྐྱར་གསོ་གནང་ཞིང་། དེའི་ཉེ་འཁྲིས་སུ་ཟངས་མདོག་དཔལ་རི་དགོན་པ་གསར་བཞེངས་མཛད། དེ་བཞིན་སྔགས་པའི་བསྟི་གནས་བླ་མ་གླིང་པའང་གསར་དུ་བསྐྲུན་གནང་མཛད།

བོད་དུ་བཞུགས་པའི་སྐབས་སུ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་སྐྱབས་རྗེ་བྱ་བྲལ་སངས་རྒྱས་རྡོ་རྗེ་རིན་པོ་ཆེ་མཆོག་ནི་བདུད་འཇོམས་གཏེར་གསར་བརྒྱུད་པའི་ “རྡོ་རྗེ་རྒྱལ་ཚབ་” ཏུ་མངའ་གསོལ། གཞན་ཡང་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གི་ཟབ་མོའི་ཐུགས་རྟོགས་ཀྱི་མཛད་པ་དང་མཁྱེན་རབ་ཀྱི་འོད་སྣང་འབར་བ་དང་། སྙིང་རྗེ་ཆེན་པོའི་བྱང་ཆུབ་སེམས་དཔའི་མཛད་པ་འཕྲིན་ལས། དེ་བཞིན་རིག་གནས་ཆེ་ཆུང་མཐའ་དག་ལ་མཚུངས་ཟླ་མ་མཆིས་པའི་མཁས་པའི་རྩལ་རྫོགས་པ་བཅས་ཀྱི་མཚན་སྙན་བོད་ལྗོངས་ཡོངས་སུ་གྲགས་སོ།

ཕྱི་ལོ་ ༡༩༥༨ ལོར་བོད་ནས་ཕེབས་རྗེས། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་རྒྱ་གར་ཀ་ལིམ་པོང་དུ་གཞི་ཆགས་གནང་ཞིང་། དེའི་རྗེས་སུ་ཕྱི་ལོ་ ༡༩༧༣ ལོར་བལ་ཡུལ་ཀཐ་མན་གྲུར་ཕེབས། བོད་ཀྱི་ཆོས་དང་རིག་གཞུང་ལ་དཀའ་ངལ་ཆེ་བའི་དུས་སྐབས་དེར། སྐྱབས་རྗེ་མཆོག་གིས་ཆོས་ཁྲིད་དང་གསུང་རྩོམ་གཉིས་ཀྱི་སྒོ་ནས་བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་བོད་ཀྱི་རིག་གཞུང་བསྐྱར་གསོ་བྱེད་པར་གལ་ཆེན་གྱི་ཐུགས་འགན་བཞེས། ཁོང་གིས་རྒྱ་གར་དང་བལ་ཡུལ་ནང་ཉམས་ལེན་པ་འདུས་སྡོད་ཀྱི་གལ་ཆེའི་ཆོས་ཚོགས་དུ་མ་གསར་བཏོད་གནང་། མཚོ་པདྨ་རུ་སྐྱབས་རྗེ་མཆོག་གིས་སྒྲུབ་གྲྭ་ཞིག་བཙུགས། རྡོ་རྗེ་གླིང་དུ་སྐྱབས་རྗེ་མཆོག་གིས་ཚེས་བཅུ་དགོན་པ་ཕྱག་བཏབ། ཨོ་ཌི་ཤཱར་བདུད་འདུལ་རབ་བརྟན་གླིང་གསར་འཛུགས་གནང་བ་དང་། ཀ་ལིམ་པོང་དུ་སྐྱབས་རྗེ་མཆོག་གིས་ཟངས་མདོག་དཔལ་རི་དགོན་པ་ཕྱག་བཏབ། བལ་ཡུལ་མཆོད་རྟེན་བྱ་རུང་ཁ་ཤོར་གྱི་ཉེ་འཁྲིས་སུ་སྐྱབས་རྗེ་མཆོག་གིས་ཨོ་རྒྱན་མདོ་སྔགས་ཆོས་གླིང་དགོན་པའང་གསར་བཞེངས་མཛད། ཁོང་གིས་ཝཱ་ཎ་མཐོ་སློབ་ཀྱི་བོད་ཀྱི་ཆེས་མཐོའི་གཙུག་ལག་སློབ་གཉེར་ཁང་དུ་སྔ་འགྱུར་རྙིང་མའི་ལུགས་ཀྱི་སློབ་གཉེར་བྱེད་རྒྱུར་ལྷག་པར་དུ་རྒྱབ་སྐྱོར་དང་སྐུལ་མ་གནང་།

འཛམ་གླིང་གི་ས་ཕྱོགས་གཞན་དུ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་དམ་པའི་ཆོས་ཀྱི་མཛད་འཕྲིན་རྒྱ་ཆེར་བསྐྱངས། ཁོང་གིས་ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཆོས་ཚོགས་མང་པོ་གསར་འཛུགས་གནང་བའི་ནང་། ཕརཱནསི་ནང་རྡོ་རྗེ་སྙིང་པོ་དང་ཨོ་རྒྱན་བསམ་ཡས་ཆོས་གླིང་། ཨ་རིའི་ནང་ཡེ་ཤེས་སྙིང་པོ་དང་ཨོ་རྒྱན་ཆོས་རྫོང་བཅས་ཡིན། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་སྐུ་ཚེའི་སྨད་ཀྱི་ལོ་ངོ་བཅུ་ཕྲག་གཅིག་དང་ཕྱེད་ཀའི་རིང་། ནུབ་ཕྱོགས་རྒྱལ་ཁབ་ཁག་ཏུ་ཆོས་ཁྲིད་གནང་རྒྱུར་ཐུགས་ངལ་བསྩལ་ཏེ། དེར་སྔ་འགྱུར་རྙིང་མའི་སྲོལ་རྒྱུན་ལེགས་པར་གསར་འཛུགས་གནང་ཐུབ་པ་བྱུང་། ཕྱི་ལོ་ ༡༩༧༢ ལོར་ཁོང་གི་འཛམ་གླིང་སྐོར་བསྐྱོད་ཐོག་མའི་སྐབས་སུ། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་ཧོང་ཀོང་དུ་བཞུགས་པའི་རང་གི་རྒྱ་རིགས་ཆོས་ཀྱི་སྐུ་ཚབ་བླ་མ་བསོད་ནམས་ཆོས་ཀྱི་རྒྱལ་མཚན་གྱི་ཆོས་ཚོགས་སུ་ཆིབས་བསྒྱུར་བསྐྱངས་པ་མ་ཟད། དགེ་བཤེས་བསོད་རྒྱལ་རིན་པོ་ཆེའི་གདན་ཞུས་ལྟར་ལོན་ཌོན་དུའང་ཞབས་སོར་འཁོད།

ནང་མི་བརྒྱུད་པའི་རྗེས་ཤུལ།

སྐྱབས་རྗེའི་ནང་མིའི་འཚོ་བ།

སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གིས་ཁྱིམ་པའི་ཚུལ་བཟུང་སྟེ་སྐུ་འཁོར་ལྷན་རྒྱས་བཞུགས་ཤིང་། ལྷ་ལྕམ་གཉིས་བཞེས་ཡོད། ཁོང་གི་གསང་ཡུམ་ཐོག་མ་ལ། གསང་ཡུམ་སྐུ་གཤོགས་ཚེ་བརྟན་གཡུ་སྒྲོན་ཞུ་ཞིང་། ཁོང་རྣམ་པ་གཉིས་ལ་སྲས་མོ་གཉིས་དང་སྲས་བཞི་བཅས་ཁྱོན་བུ་ཕྲུག་དྲུག་བྱུང་ཡོད།

ཁོང་རྣམ་པ་གཉིས་ཀྱི་སྲས་མོ་ཆེ་བ་བདེ་ཆེན་གཡུ་སྒྲོན་མཆོག་བོད་ལྗོངས་ལྷ་སར་བཞུགས་ཤིང་། ཁོང་གིས་ཀོང་པོར་ཡོད་པའི་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་གདན་ས་བླ་མ་གླིང་ལ་གཟིགས་རྟོག་གནང་ནས་བཞུགས་པ་རེད། སྲས་ཆེ་བ་སྐྱབས་རྗེ་གདུང་སྲས་འཕྲིན་ལས་ནོར་བུ་རིན་པོ་ཆེ་མཆོག་(༡༩༣༡-༢༠༡༡)ནི། ཡབ་རྗེ་བཞིན་སྔ་འགྱུར་རྙིང་མའི་མཁས་དབང་དང་བསྟན་པའི་བདག་པོ་ཆེན་པོ་ཞིག་ཡིན་པ་མ་ཟད། རྫོང་གསར་འཇམ་དབྱངས་མཁྱེན་བརྩེ་རིན་པོ་ཆེ་སྐུ་ཕྲེང་གསུམ་པའི་ཡབ་ཀྱང་ཡིན། གདུང་སྲས་འཕྲིན་ལས་ནོར་བུ་རིན་པོ་ཆེ་མཆོག་ནི་ཀུན་མཁྱེན་ཀློང་ཆེན་རབ་འབྱམས་ཀྱི་རྣམ་སྤྲུལ་དང་། བདུད་འཇོམས་གླིང་པའི་སྲས་ཆེ་བ་གཏེར་སྟོན་དྲི་མེད་འོད་ཟེར་གྱི་ཡང་སྲིད་ཀྱང་ཡིན། གདུང་སྲས་རིན་པོ་ཆེ་མཆོག་སྐུ་གཞོན་ནུའི་དུས་སུ་སྨིན་གྲོལ་གླིང་དགོན་པར་ལོ་དགུའི་རིང་སློབ་གཉེར་གནང་ཞིང་། ཁོང་གི་ཡབ་རྗེ་དམ་པ་མ་གཏོགས་པའི་བོད་གངས་ཅན་གྱི་སྐྱེས་ཆེན་དམ་པ་མང་པོ་ལས་ཆོས་ཚུལ་མང་དུ་གསན། ཁོང་ནི་ལྡི་ལི་དང་ནིའུ་ཡོག་ཏུ་བཞུགས།

ཁོང་རྣམ་པ་གཉིས་ཀྱི་སྲས་གཉིས་པ་ནི་གཙོ་བོ་ས་སྐྱའི་ཆོས་བརྒྱུད་འཛིན་པ་རྡོ་ལ་སྤྲུལ་སྐུ་འཇིགས་མེད་ཆོས་ཀྱི་ཉི་མ་རིན་པོ་ཆེ་མཆོག་ཡིན་ཞིང་། ཁོང་ནི་སྐྱབས་རྗེ་བདུད་འཇོམས་ཡང་སྲིད་རིན་པོ་ཆེའི་ཡབ་ཡིན། ཁོང་ཕྱི་ལོ་ ༢༠༠༠ ལོར་མཚོ་སྔོན་ཟི་ལིང་དུ་སྐུ་གཤེགས། ཁོང་རྣམ་པ་གཉིས་ཀྱི་སྲས་མོ་གཉིས་པ་པདྨ་གཡུ་སྒྲོན་མཆོག་ནི་བོད་མདོ་ཁམས་མགར་ཕྲུག་སྐུའི་ཉེ་འགྲམ་དུ་རྡོ་ལ་རིན་པོ་ཆེའི་སྐུ་འཁོར་གྱི་ཉེ་འགྲམ་དུ་བཞུགས། སྲས་གསུམ་པ་ཕན་བདེ་ནོར་བུ་མཆོག་ཀྱང་སྤྲུལ་སྐུ་ཞིག་ཡིན་ཞིང་བལ་ཡུལ་དུ་ཞིང་ལ་གཤེགས། སྲས་བཞི་པ་རྡོ་རྗེ་དཔལ་བཟང་མཆོག་ཕྱི་ལོ་ལྔ་བཅུ་ང་གྲངས་ཀྱི་སྨད་ལ་པེ་ཅིང་དུ་སློབ་གྲྭར་ཕེབས་ཀྱང་། བློ་ཕམ་པ་ཞིག་ལ་རིག་གནས་གསར་བརྗེ་ཆེན་པོའི་སྐབས་སུ་བཀྲོངས་པ་རེད།

སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གི་གསང་ཡུམ་གཉིས་པ་ནི་སྐུ་གཤོགས་རིག་འཛིན་དབང་མོ་མཆོག་ཡིན་ཞིང་། ཁོང་རྣམ་པ་གཉིས་བོད་དུ་བཞུགས་སྐབས་ཁྲུང་ས་བསྐྱོན་གནང་བ་རེད། ཁོང་རྣམ་པ་གཉིས་ཀྱི་སྲས་མོ་ཐོག་མ་བདེ་སྐྱོང་ཡེ་ཤེས་དབང་མོ་མཆོག་ནི་མཁའ་འགྲོ་མའི་སྤྲུལ་པར་ངོས་འཛིན་གནང་ཞིང་། ཡེ་ཤེས་མཚོ་རྒྱལ་གྱི་རྣམ་སྤྲུལ་དུ་བཞེད་པ་ཡིན། ཁོང་སྐུ་གཞོན་ནུའི་དུས་སུ་ཞིང་ལ་གཤེགས། སྲས་དང་སྲས་མོ་གཞན་རྣམས་ནི། འཆི་མེད་དབང་མོ་(སྲས་མོ་གཉིས་པ་)དང་། སྲས་ཞི་ཕན་ཟླ་བ་རིན་པོ་ཆེ་(༡༩༥༠-༢༠༡༨)། སྲས་མོ་ཆུང་བ་ཚེ་རིང་དཔལ་འཛོམས་བཅས་ཡིན། སྐྱབས་རྗེ་ཞི་ཕན་ཟླ་བ་ནོར་བུ་རིན་པོ་ཆེ་མཆོག་གིས་སྐུ་ཚེ་གང་པོར་ཡོ་རོབ་དང་ཨ་རི་གཉིས་ཀར་ཡབ་རྗེའི་ཆོས་རྒྱུན་སྤེལ་རྒྱུར་ཐུགས་བསྐྱེད་གནང་ཡོད།

མྱ་ངན་ལས་འདས་པ་ཆེན་པོ།

སྐྱབས་རྗེ་མཆོག་གི་མྱང་འདས།

གཏེར་སྟོན་བརྒྱ་རྩའི་མཛད་པ་བསྐྱངས་པའི་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་མཆོག་གིས། མོས་པ་འོད་མཐའ་ཡས་(སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་ཡང་སྲིད་ནི་མ་འོངས་པར་སྐལ་བཟང་འདིའི་སངས་རྒྱས་ཐ་མའི་ཚུལ་དུ་འཁྲུང་ངེས)ནི་སངས་རྒྱས་སྟོང་གི་མཛད་པ་དང་ལྡན་པར་འགྱུར་ཞེས་གསུངས་ཡོད། སྐྱེས་བུ་དམ་པ་འདི་ཉིད་ཀྱིས་རང་གི་སྐུ་ཚེ་སྔོན་མ་ཐམས་ཅད་ཀྱི་མཛད་པ་བསྐྱང་རྒྱུ་དང་། གདུལ་བྱ་མང་པོ་འདུ་རྒྱུ་ནི་ཁོང་རང་ཉིད་ཀྱི་བྱང་ཆུབ་ཀྱི་སེམས་དང་སྨོན་ལམ་གྱི་མཐུ་ཁོ་ན་ལས་བྱུང་བ་རེད། བཅོམ་ལྡན་འདས་སངས་རྒྱས་ཤཱཀྱ་ཐུབ་པ་ཉིད་མངོན་པར་རྫོགས་པར་སངས་རྒྱས་ཟིན་ཀྱང་། འཇིག་རྟེན་གྱི་གདུལ་བྱ་རྣམས་ཀྱི་ཆེད་དུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་བཞིན། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ཀྱང་ཕྱི་ལོ་ ༡༩༨༧ ཟླ་ ༡ ཚེས་ ༡༧ ཉིན་ཡོངས་སུ་མྱ་ངན་ལས་འདས་པའི་མཛད་པ་བསྟན་པ་རེད།

རྣམ་ཐར་འདི་ནི་ཕྱི་ལོ་ ༢༠༢༠ ལོའི་ཟླ་ ༨ པའི་ནང་འབུམ་རམས་པ་ནོ་རཱ་ཕོ་སི་ཊི་ (Dr. Nora Post) མཆོག་གིས་བླ་མ་ཡེ་ཤེས་ཕུན་ཚོགས་མཆོག་གི་དགོངས་འཆར་གནང་བ་རྣམས་གཞིར་བཟུང་སྟེ་བསྐྱར་བཅོས་གནང་བ་ཞིག་ཡིན།

ཁུངས་གཏུགས།

  1. ༡༽ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གི་རྣམ་ཐར་ཐུང་ངུ་ཞིག་ནི། ཡེ་ཤེས་སྙིང་པོ་དང་ཨོ་རྒྱན་ཆོས་རྫོང་གི་ Tersar.org དྲ་ཚིགས་སུ་ཡོད་པའི་རིག་པ་བཤད་གྲྭའི་ཝི་གི་དེབ་ཐེར་ (Rigpa Shedra Wiki) གྱི་དྲ་བྱང་ https://www.rigpawiki.org/index.php?title=Dudjom_Rinpocheབདུད་འཇོམས་ཁྲོས་མ་ཚོགས་པའི་བླ་མ་ཡེ་ཤེས་ཕུན་ཚོགས་མཆོག་གིས་ཕྱག་རྩོམ་གནང་བའི་སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་དྲ་ཐོག་གི་རྣམ་ཐར་མདོར་བསྡུས་གཞན་ཞིག་ཀྱང་ཁོང་ཚོའི་དྲ་ཚིགས་སུ་བཀོད་འདུག། https://dudjomtroma.org/lineage/
  2. ༢༽ ཉོས་ཤུལ་མཁན་པོ་འཇམ་དབྱངས་རྡོ་རྗེའི་ “རྫོགས་ཆེན་གསང་བ་སྙིང་ཐིག་གི་ལོ་རྒྱུས་བརྒྱུད་པའི་རིག་འཛིན་རྣམས་ཀྱི་རྣམ་ཐར་” ཊེ་རི་ཁི་ལི་ཧྥོརྒ་ (Terry Clifford) གྱིས་རྩོམ་སྒྲིག་བྱས་པའི་ “ཐར་པའི་སྒྲོན་མེ་” (The Lamp of Liberation 1988) ཤོག་གྲངས། ༡-༥་བར་གསལ།
  3. ༣༽ འགྱུར་མེད་རྡོ་རྗེའི་ “སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ (༡༩༠༤-༡༩༨༧)” “དབུ་མ་” (The Middle Way) དེབ་ཕྲེང་ ༦༢ ཨང་ ༡ (༡༩༨༧ ཟླ་ ༥ པ།) ཤོག་གྲངས། ༢༥-༢༨་བར་གསལ།
  4. ༤༽ སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་ ༡༩༠༤-༡༩༨༧” “རྡོ་རྗེའི་དབྱིངས་ཀྱི་ཉི་མ་” (Vajradhatu Sun) དེབ་ཕྲེང་ ༨ ཨང་ ༣ (༡༩༨༧ ཟླ་ ༢/༣ པ།) ཤོག་གྲངས། ༡-༣བར་གསལ།
  5. ༥༽ “སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེ་མཆོག་གི་མྱང་འདས།” གངས་སེང་གི་ནང་དུ་ (Snow Lion ༡༩༨༧ དཔྱིད་ཀ།) ཤོག་གྲངས་ ༣་པར་གསལ།
  6. ༦༽ ཕྱི་ལོ་ ༡༩༩༧ ཟླ་ ༩ ཚེས་ ༡༨ ཉིན་བལ་ཡུལ་ཡང་ལེ་ཤོད་དུ་བྷ་ཁ་སྤྲུལ་སྐུ་རིན་པོ་ཆེ་མཆོག་སྒེར་ལ་བཅར་འདྲི་ཞུས་པ།