ཕྱི་ལོ་ ༢༠༢༦ ཟླ་བ་ ༡༠ པ།
ཟངས་མདོག་དཔལ་རིའི་དགོན་པར་གུ་རུ་མཚན་བརྒྱད་ཀྱི་སྐུ་བཞེངས་ཀྱི་ལས་ཀ་མུ་མཐུད་དུ་བྱེད་བཞིན་ཡོད། སྐུ་བཞེངས་མཁན་གྱི་སྒྱུ་རྩལ་བ་རྣམས་ཀྱིས་ལག་རྩལ་དང་བརྩོན་འགྲུས་ལྡན་པའི་སྒོ་ནས་ལས་ཀ་ཧ་ཅང་ལེགས་པོ་གནང་བཞིན་ཡོད། འདིར་སྐུ་བཞེངས་ཀྱི་ལས་རིམ་གྱི་པར་ཁག་གཟིགས་ཐུབ།
མཛད་སྒོར་ཞལ་འདེབས་དང་མཆོད་འབུལ་གནང་མཁན་རྣམས་ལ་དགའ་བསུ་དང་ཐུགས་རྗེ་ཆེ་ཞུའོ།། 🙏





