༢༠༢༦ ལོའི་ཟླ་བ་ ༡༠ པ།
བོད་རྒྱལ་ལོ་༢༡༥༣ ཟླ་༩ ཚེས་༣ དང་། སྤྱི་ལོ་༢༠༢༦ ཟླ་༡༠ ཚེས་༡༣ ཉིན། གསང་སྔགས་སྔ་འགྱུར་གྱི་མཁས་གྲུབ་གཉིས་ལྡན། བསྟན་འཛིན་སྐྱེས་ཆེན་དམ་པ་༧ཀུན་མཁྱེན་འཇིགས་མེད་གླིང་པའི་འདས་མཆོད་དུས་བཟང་ཁྱད་པར་ཅན་ལ་བརྟེན་ནས། ཨོ་ཌི་ཤའི་༧སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེའི་གདན་ས་ཆེན་པོ། སྔ་འགྱུར་བདུད་འདུལ་རབ་བརྟན་གླིང་དགོན་དུ་མཛད་སྒོ་ཆེན་མོ་དགེ་ལེགས་ཀྱི་ཚོགས་བཅར་དུ་བླ་མ་སྐལ་བཟང་ཉི་མ་རིན་པོ་ཆེ་མཆོག་དང་། བླ་མ་སྐལ་བཟང་འགྱུར་མེད་གཉིས་གཙོ་བོར་གྱུར་པའི་སློབ་དཔོན་དང་དགེ་བའི་བཤེས་གཉེན་རྣམས། གཞིས་གྲོང་གསུམ་པའི་སྤྱི་མི་དང་བརྒྱ་དཔོན། མི་མང་དད་ལྡན་རྣམས་ཀྱི་ལྷན་འཛོམས་ཆེན་པོའི་ཞལ་སྔར། སྔ་འགྱུར་མཐོ་སློབ་གཞན་ཕན་བཤད་སྒྲུབ་གླིང་གི་བཤད་གྲྭ་དང་སློབ་གྲྭའི་སློབ་ཕྲུག་རྣམས་ཀྱིས། མཁས་པའི་རྣམ་བཤད་ཀྱི་དཔལ་ཡོན་བསྟན་པའི་ཉི་འོད་ལྟར་འཕྲོ་བའི་འཆད་རྩོད་རྩོམ་གསུམ་གྱི་སྒོ་ནས་ཚུལ་བཞིན་དུ་སྤེལ་བས། ཐོས་བསམ་གྱི་མཚན་ཉིད་ཀྱི་གདུགས་ཕྲེང་བསྟན་པའི་ཉེ་འཁོར་རུ་ཁྱབ་པར་མཛད།













