རྗེ་བཙུན་བླ་མ་བསོད་ནམས་བཀྲ་ཤིས་མཆོག་ནང་པའི་གྲོང་ Maniabandha ལ་ཕེབས་པ།
མཛད་སྒོ།

རྗེ་བཙུན་བླ་མ་བསོད་ནམས་བཀྲ་ཤིས་མཆོག་ནང་པའི་གྲོང་ Maniabandha ལ་ཕེབས་པ།

ཕྱི་ལོ་ ༢༠༢༣ ཟླ་ ༡༠ ཚེས་ ༢༢

Maniabanda ཡི་ནང་པའི་སྤྱི་ཚོགས་ཀྱིས་ལོ་ཤས་སྔོན་ནས་བླ་མ་བསོད་ནམས་བཀྲ་ཤིས་མཆོག་ཁོང་ཚོའི་ས་གནས་སུ་ཕེབས་པར་གསོལ་བ་བཏབ་ཡོད་ཅིང་། དེ་རིང་དེ་ལྟར་འགྲུབ་པ་བྱུང་། བླ་མ་བསོད་ནམས་ལགས་ཀྱིས་ས་གནས་ཀྱི་རྒྱ་གར་ནང་པ་རྣམས་དང་མཇལ་འཕྲད་དང་བཀའ་ཆོས་གནང་ཞིང་། ས་ཁུལ་གྱི་ལྷ་ཁང་ཡོངས་ནས་བྱིན་རླབས་ཞུས།

ལས་རིམ།

ཞོགས་པ་ ༡༠:༠༠
དགའ་བསུའི་མཛད་སྒོ།
Ancient Citadel of Buddhism, Suniapatna Sahi

ཞོགས་པ་ ༡༠:༣༠
སངས་རྒྱས་ལྷ་ཁང་དུ་མཆོད་ཆོག
Buddha Temple, Suniapatna / Kamana Temple, Suniapatna

ཞོགས་པ་ ༡༡:༠༠
ན་གཞོན་མང་ཚོགས་དང་འབྲེལ་གཏུགས།
Young Buddhist Association, Odisha / Siddhartha Pathagar, Suniapatna

ཞོགས་པ་ ༡༡:༣༠
ལས་གཞི་མི་འདྲ་བའི་དབུ་འབྱེད།
Eye Clinic Project / Guru Padmasambhava Research Center

ཉིན་གུང་ ༡༢:༣༠ ཡན།
ནང་པའི་ཤུལ་བཞག་དང་སྒྲིག་འཛུགས་རྙིང་པ་ཁག་ལ་གཟིགས་སྐོར།
Pragya Paramita Pitha / Singhanatha Pitha / Dalai Lama Buddhist Weaver Co-operative Society Ltd, Maniabandha / Buddhist Interpretation Center, Maniabandha / Triratna Buddha Bihar, Maniabandha