རྡོོ་རྗེ་སློབ་དཔོན་གཉིས་པ།

བླ་མ་ཤེས་རབ་རྡོ་རྗེ་རིན་པོ་ཆེ།

Portrait of Lama Sherab Dorje Rinpoche

བླ་མ་ཤེས་རབ་རྡོ་རྗེ་རིན་པོ་ཆེའམ་རེབ་གོང་སྔགས་འཆང་ཤེས་རབ་རྡོ་རྗེ་ནི་བོད་མདོ་སྨད་རེབ་གོང་དགོན་པའི་རྣལ་འབྱོར་པ་ཞིག་ཡིན། ཁོང་ནི་བདུད་འཇོམས་རིན་པོ་ཆེའི་ཞལ་སློབ་གཙོ་བོ་ཞིག་ཡིན། ཕྱི་ལོ་ ༡༩༦༠ ནང་བླ་མ་ཤེས་རབ་རྡོ་རྗེ་བཙན་བྱོལ་དུ་རྒྱ་གར་ལ་ཕེབས། སྐབས་དེར་རྒྱ་གར་གྱི་རློན་གཤེར་དང་འཕྲོད་བསྟེན་གནས་སྟངས་ (ཤིག་གི་རིམས་ནད་ཁྱབ་གདལ་ཆེན་པོ་ཕྱིན་པ་) གཉིས་ཀྱི་རྐྱེན་པས་རྣལ་འབྱོར་པ་དང་སྔགས་པ་ཚོའི་ལྕང་ལོ་ཉར་རྒྱུར་དཀའ་ངལ་འཕྲད་པས། བདུད་འཇོམས་རིན་པོ་ཆེས་ཁོང་ཚོ་ཚང་མར་སྐྲ་ཤད་དེ་རྒྱབ་ཏུ་བསྡམ་དགོས་པའི་བཀའ་ཕབས། བླ་མ་ཤེས་རབ་རྒྱ་གར་ཨོ་རི་སར་འབྱོར་སྐབས་རང་གི་ལྕང་ལོ་བཅད་འདོད་ཡོད་ཀྱང་། བདུད་འཇོམས་རིན་པོ་ཆེས་བླ་མ་ཤེས་རབ་ལ་སྐྲ་མ་བཅད་ན་ཡག་པའི་ལམ་སྟོན་གནང་། རང་གི་བླ་མའི་བཀའ་བཞིན་བླ་མ་ཤེས་རབ་ཀྱིས་སྐུ་ཚེ་གང་པོར་ལྕང་ལོ་རིང་པོ་དེ་ཉར་གནང་མཛད།

ཕྱི་ལོ་ ༡༩༦༣ ལོར་བདུད་འཇོམས་རིན་པོ་ཆེས་བདུད་འདུལ་རབ་བརྟན་གླིང་ཕྱག་བཏབ་གནང་བའི་སྐབས་སུ་བླ་མ་ཤེས་རབ་རྡོ་རྗེ་རྒྱ་གར་ཨོ་རི་སར་འབྱོར། སྐྱབས་རྗེ་བདུད་འཇོམས་རིན་པོ་ཆེས་བླ་མ་ཤེས་རབ་རྡོ་རྗེ་འབྲུག་ཡུལ་དུ་ཀྱིས་ཐིམ་ཕུའི་མཆོད་རྟེན་ཆེན་མོའི་ས་གཅོག་རབ་གནས་ཀྱི་ཆོ་ག་གནང་རྒྱུའི་བཀའ་མངགས། ཁོང་འབྲུག་ཡུལ་དང་བལ་ཡུལ་ནས་ཕྱིར་ལོག་གནང་རྗེས། བླ་མ་ཤེས་རབ་རྡོ་རྗེ་དགོན་པའི་གཙོ་འཛིན་གཉིས་པར་བསྐོ་གཞག་གནང་། ཁོང་གིས་སྐུ་ཚེ་གང་པོར་ཨོ་ཌི་ཤཱའི་མི་མང་ལ་དམ་པའི་ཆོས་སྤེལ་ཏེ་བཞུགས།

བླ་མ་ཤེས་རབ་རྡོ་རྗེ་ནི་ཨ་རིའི་མངའ་སྡེ་ཁེ་ལི་ཕོར་ནི་ཡ་། ཝ་སོན་བི་ལི་ནང་གི་གསང་སྔགས་རྡོ་རྗེ་ཐེག་པའི་ཆོས་ཚོགས་ (པདྨ་འོད་གསལ་གླིང་) ཕྱག་འདེབས་མཁན་བླ་མ་ཐར་ཕྱིན་རིན་པོ་ཆེའི་ (༡༩༣༦-༢༠༡༣) ཨ་ཞང་ཡང་ཡིན། བླ་མ་ཤེས་རབ་རྡོ་རྗེ་རིན་པོ་ཆེའི་སྲས་ (ཨོ་རི་སར་སྐུ་འཁྲུངས་པ་) སློབ་དཔོན་འཇིགས་མེད་མཐུ་སྟོབས་རྣམ་རྒྱལ་ནི་ད་ལྟ་ཁེ་ལི་ཕོར་ནི་ཡའི་མཱ་རིན་རྫོང་ནང་རང་གི་བཟའ་ཟླ་དང་བུ་ཕྲུག་བཞིའི་ལྷན་དུ་བཞུགས་ཡོད།

arrow_backཕྱིར་ལོག རྡོ་རྗེ་སློབ་དཔོན།