This is a list of pujas that are frequently requested by members of the public. Some requests are for divinations, some for removing obstacles and impediments, there are long life prayers, wish-fulfilling prayers, birthday prayers, etc. Although the value of the dharma is beyond any kind of financial measurement, we have created this list at the request of the public, and also to help people clarify what might be an appropriate offering. 

We accept requests for these pujas via email or phone. Please see our Contact section for details. 

You can also request a birthday prayer/celebration  for Rs. 15,000. We take online request via e-mails / phone provided in our contact section.  

༄༅། །སྔ་འགྱུར་རྙིང་མ་བདུད་འདུལ་རབ་བརྟན་གླིང་དགོན་དུ་ཕྱི་ལོ་༢༠༢༣ ཟླ་བ་༡༠ ཚེས་༣༠ ད་ལམ་དད་སྦྱིན་མང་པོས་སྐྱབས་རྟེན་དང་སྔོ་རྟེན།  དེ་བཞིན་ཞབས་བརྟན་སོགས་སྐྱི་འབུལ་མཚོན་གྱི་ཚན་གཞི་ཞིག་དགོས་མཁོ་ཆེ་བའི་དགོང་ཆར་ཡང་ཡང་བྱུང་བས།སངས་རྒྱས་ཀྱི་གསུང་ལ་རིན་ཚད་ཀྱི་སྦོགས་མོ་ཐུབ་རུང༌།དགོས་མཁོ་ལ་བསྟུན་སྟེ་གཤམ་གསལ་རིའུ་མིག་དུ་ཆོས་མཆན་དང་གང་གི་འབུལ་ཚད་གཞིས་རྣམས་འབུལ་ལམ་ཞུས་ཡོད།།

ཨང་།
SI.
ཞབས་རིམ། Puja prayerཚར་གྲངས་དང་སྒོར། 
Time and amount (in INR)
1ཞི་ཁྲོ་གནས་སྟོང་། 100 time of 100 peaceful&Wrathful dieties10035000
2ཞི་ཁྲོ་གནས་བརྒྱ། 100 time of 100 peaceful &Wrathful dieties10035000
3ཞི་ཁྲོ་ཚར་གཅིག། 100 peaceful and Wrathful dieties120000
4ཞི་འདུལ། Peaceful conqueror121000
5ཕུར་པ་སྟོང་ཟློག་རྒྱས་པ། 1000 times Averting obstacleThrought kilaya – long version100040000
6ཕུར་ཟློག། Averting obstaclethrough kilaya130000
7སེང་གདོང་སྟོང་ཟློག། 1000 times Averting obstacleThrough lion-headed100040000
8སེང་གདོང་མའི་ཟློག་པ། Averting obstacleThrough lion-faced Dakini130000
9དམར་གསུར་བརྒྱ་ཚར། Red sur offering1001000
10བསྟན་འགྱུར་དག་ཚར། The translated treatises1200000
11བཀའ་འགྱུར་དག་ཚར། The collection of the words of the buddha1100000
12བར་ཆད་ལམ་སེལ། Obstacle cleaning prayer13
13བསམ་པ་ལྷུན་འགྲུབ། Wish-fulfilling prayer13
14སྒྲོལ་མ། Tara prayer13
15བསམ་པ་པ་མྱུར་འགྲུབ། The prayer that fulfills all wishes13
16དུས་གསུམ་སངས་རྒྱས། Six vajra line13
17ཚིག་བདུན་གསོལ་འདེབས། Seven line prayer13
18ཐུབ་པའི་གཟུངས་སྔགས། Buddha sakyamuni mantra10000500
19ཛམ་བྷ་ལྷའི་བསྙེན་པ། Zambala mantra10000500
20མ་ཎི་དུང་གཟུངས་སྔགས། Avalokeshyawara mantra10000500
21ཕྱག་རྡོར་གཟུངས་སྔགས། Vajrapani mantra10000500
22སྒྲོལ་མ་བསྡུས་པ། Tara prayer short-version1001500
23འཇམ་དབྱངས་བསྙེན་པ། Manjushri mantra10000500
24སེང་གདོང་མའི་བསྙེན་པ། Singhamukhi mantra10000500
25དྲི་མེད་བཤགས་རྒྱུད། Stainless confession mantra1100
26སྨན་གཟུངས། Medicine Buddha mantra10000500
27ཚེ་གཟུངས། Amitayus mantra10000500
28ཡིག་བརྒྱ། Hundred syllables mantra100800
29སྐྱབས་འགྲོ། Refuge1001000
30དབང་འདུས་གསོལ་འདེབས།The prayer which magnetizes all that appears and all that exists13
31ལྟུང་བཤགས། Confession of the downfalls10150
32གདུགས་དཀར་མཆོག་གྲུབ་མ། White umbrella, the great Dispeller of invincible might and supreme Accomplishment15500
33གཙུགས་གཏོར་དཀར་མོ། Usnisa10100
34གདུགས་དཀར་ཟློག་པ། Averting obstacle through White umbrella10100
35སེང་གདོང་ཟློག་པ། Averting obstacle through White Singhamukhi10100
36དམ་སྒྲིབ་ཉེས་སེལ། Purifying samaya pollution10100
37བདེ་སྨོན། Sukhavati aspiration150
38བཟང་སྤྱོད་སྨོན་ལམ།The king of the aspiration prayer150
39མི་ཁ་དགྲ་ཟློག། Averting obstacle of slander120
40ལུས་ངག་བཅིངས་གྲོལ། Liberation from bondage of body and speech120
41བཀའ་ཐང་སྡེ་ལྔ༌།The five chronicles1800
42པདྨ་བཀའ་ཐང་དག་ཚར། Pema kathang: biography Of Guru rinpoche1800
43བཀའ་ཐང་བསྡུས་པ། Pema kathang -short version140
44ལེའུ་བདུན་མ། The seven chapter prayer140
45འབུམ་ཆུང་། Bumchhung: prayer for wellbeing of children & infants160
46བྱིས་པའི་གདོན་ཆེན་བཅོ་ལྔ་།The 15 evil spirits who strike children160
47རྡོར་གཅོད། Diamond sutra1100
48ཐར་མདོ། Liberations sutra1800
49སྒྲོལ་མ་གཟུངས། Tara mantra10000500
50གནས་བརྟེན་ཕྱག་མཆོད། Paying homage and making offerings to the sixteen Elder13000
51བཀྲ་ཤིས་བརྩེགས་པ། Heap of Auspiciousness15
52འཇམ་དཔལ་མཚན་བརྗོད། Manjushri Nama sangriti120
53བཀའ་འགྱུར་ཞལ་ཕྱེ། Open the collection of the words of the Buddha15000
54འབུམ་རྒྱས་འབྲིང་བསྡུས་གསུམ། Extensive intermediate and Abbreviated version of prajnaparamita sutra in 8,000 Lines126000
55འབུམ་དག་ཚར། Prajnaparamita sutra in 8,000 lines119000
56གྲྭ་ཏོག་གསེར་གསུམ། Sutra called dra-tog ser sum1800
57གསེར་འོད་ས་བཅུ་མ། The 1o“ bumi golden light sutra1500
58བསྟན་འགྱུར་ཞལ་ཕྱེ། Open the translated treatises19500
59འབུམ་ཞལ་ཕྱེ། Open the prajnaparamita sutra in 8,000 lines1600
60མདོ་སྡེ་སྐལ་བཟང༌། Sutra of the good Aeon1800
61བསྟན་རྒྱས་སྨོན་ལམ། Prayer for spread of nyingma tradition110
62ཚེ་མདོ། The Amitayur sutra130
63ཕྱོགས་བཅུ་མུན་སེལ། Dispelling darkness in the Ten Directions130
64རྒྱལ་མཚན་རྩེ་མོའི་དཔུང་རྒྱན། Prayer to gyaltsen tsemo pung gyen15
65རླུང་རྟ། Wind Horse15
66མདོ་སྡེ་པདྨ་དཀར་པོ། white- Lotus sutra1500
67ཤེས་རབ་སྙིང་པོ། Heart sutra15
68རྒྱ་ནག་སྐག་ཟློག། Averting periodic obstacle15
69ཁ་མཆུ་ནག་པོ། Protect from dispute120
70རྡོ་རྗེ་སྡེར་མོ་བརྒྱ་ཚར། dispute100400
71བརྒྱད་སྟོང་པ་དག་ཚར། sutra Eight thousand verses1800
72གཟུངས་འདུས་དག་ཚར། Sutra collection of mantras1800
73བཛྲ་གུ་རུ་གཟུངས་སྔགས། Guru Rinpoche mantra10000500
74སཏྭ། vajrasattva mantra10000500
75སྒྲོལ་མ་གཟུངས་སྔགས།Tara mantra10000500
76ཀུ་རུ་ལླེའི་བསྙེན་པ། Kurukuli mantra10000500
77ཙཀྲ་བཅུ་གསུམ།13 chakra mantra10150
78ངན་སོང་སྦྱོང་བའི་སྔགས། Mantra to purify the lower realms100150
79ཕུར་པ་བསྙེན་པ། kilaya mantra10000800
80རི་བོ་བསང་མཆོད། Mountain Incense-smoke offering1002500
81བསམ་ལྷུན་ཚོགས་བསྐང་། Ganachakra offering through wish-fulfilling prayer125000
82སྦྱིན་སྲེག་ཁག་ལ། For fire pujas:125000
83སྨན་ཆོག Medicine13500
84གསོལ་ཁ། Mahakala150
85བསང་གསོལ་ཉིན་ཚོགས། smoke and mahakala puja for whole day118000
86སྒྲོལ་ཆོག། rara puja13500
87སྒྲོལ་མ་གཡུལ་ཟློག། Tara puja to word of invasion14500
88རྣམ་རྒྱལ་སྟོང་མཆོད། Vijaya offering with 1000 offerings150000
89བརྒྱ་བཞི། Four hundred offerings14500
90ཤེར་སྙིང་བདུད་ཟློག། Averting obstacle through heart sutra14500
91གཏོར་ནག་མགོ་གསུམ། Three black headed torma14500
92བཟང་སྤྱོད་འཆི་བསླུ། Ransoming life through the king of Aspiration prayer14500
93ཀུ་རུ་ཀུལླེའི་ཆོ་ག། Kurukule puja14500
94འདྲེ་མོ་རྫ་མདོས། Dremo zadh14500
95རྒྱལ་མདོས། Gyaldhoe14500
96ཀླུ་གཏོར་ཀླུ་བསང་། Offering of Naga smoke & Naga Torma14500
97གཏོར་མ་ཆ་གསུམ། Torma offering to the 3 Directions12000
98ཆུ་གཏོར། Water- Torma offering11000
99ཆང་བུ་བརྒྱ་རྩ།108 offering of chhang-bu (dough of flour pressed with the hamd and coming out between the fingers14500
100གསུར། sur offering10100
101བཀའ་བརྒྱད་ཟློག་པ། Averting obstacle through 8 ngreat deities135000
102གུར་དྲག་ཟློག་པ། Averting obstacle Guru drakpo135000
103རྡོར་སེམས་གནས་སྟོང་།1000 times vajrasattva100030000
104རྣམ་རྒྱལ་ཚེ་ཆོག། Lomh life puja through vijaya120000
105འོད་ཆོག། Amitabha puja120000
106ཚེ་ཆོག་སྟོང་ཚར་རྒྱས་པ། Long life version 1000 times long life puja100035000
107ཚེ་ཆོག་འཆི་བསླུ། Long life puja115000
108ཚོགས་འབུམ་ཁག་ལ། Ganachakra offerings100000250000
109རྩི་དམར་འབུམ་ཚར། 100000 times tsemar10000025000
110སྡིག་བཤགས་མདོ་སྡེ་པདྨ་དཀར་པོ། Dekshak pema karpo1200
111གཟུངས་གྲ་ལྔ་། Zung dranga 1100
112ཉེས་པ་ཀུན་སེལ། Nyepa kunsal 1200
113ཁྲོས་མ་ཆངས་བུ་བརྒྱ་རྩར། Thoema changpo gyatsar 14500
114སྲི་བཟློག་འཁོར་ལོ་འབར་བ།  Sedok khorlo barwa10100
115བརྒྱགས་བརྔན་ལྷ་བསང་། Gyanen lhasang 125000
116གསེར་འོད། Ser woe 1300
117ཀླུ་འབུམ་དཀར་ནག་ཁྲ་གསུམ། Lubum karnak tra sum 1500
118ས་བདག་བཤགས་འབུམ། Sadak shakbum 1100
119གནམ་ས་སྣང་བརྒྱད། Nan sa nangye 1100
120ནོར་བུ་བཟང་པོ། Norbu zang bu150
121གསེར་འོད་གཡང་སྐྱབས། Ser woe yang chap1100
122གསེར་འོད་སྔ་སྒྲ། Ser woe nyadra 1600
123ཡང་བཟློག་རྡོ་རྗེ་ཕ་ལམ།  Yang dok dorje phalam1100
124གཤིན་རྗེ་གཏོར་ཆེན། Shenje torchen 140000
125མ་མོ་ཁྲག་མདོས། Mamo thakdoe 110000
126བསྐྱེས་པ་བཞི་ལྡན། Kyepa zheden 14500
127བདུད་ཀྱི་ཞལ་བརྒྱུར། Dueky zhal gyur14500
128སྤར་ཁ་སྤྱི་དུས། Par kha chedu 14500
129ས་བདག་འཁྲུགས་བཅོས། Sadak thukchue 14500
130འཕགས་པའི་སྡོང་པོ་བརྒྱན་པའི་མདོ། Phakpe dungpo gyenpe do1700
131འཆི་བསླུ། Chelu 14500
132ཟ་འདྲེ་ཁ་འགྱུར། Zade khagyur 14500

༄༅། །ཕྱོགས་བཅུ་ན་བཞུགས་པའི་བླ་མ་ཡི་དམ་སངས་རྒྱས་བྱང་ཆུབ་སེམས་དཔའི་ཚོགས་དང་བཅས་པ་ཐམས་ཅད་སྦྱིན་པའི་བདག་པོས་ཐོག་དྲངས་མ་གྱུར་ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་ཐམས་ཅད་ལ་དགོངས་སུ་གསོལ། འདི་ལྟར་སྦྱིན་པ་པོས་དུས་གསུམ་དུ་བསགས་པའི་དགེ་བའི་རྩ་བ་ཐམས་ཅད་ཀྱི་མཐུ་དང་ནུས་པ་ལ་བསྟེན་ནས། རྒྱལ་བ་ཐུབ་པའི་བསྟན་པ་རིན་པོ་ཆེ་བཤད་སྒྲུབ་གཉིས་ལྡན་གྱི་སྒོ་ནས་དར་ཞིང་རྒྱས་ལ་ཡུན་རིང་དུ་གནས་པར་གྱུར་ཅིག  བསྟན་པའི་གཉེན་གྱུར་དཔལ་ལྡན་བླ་མ་དམ་པ་མཆོག་ཏུ་གྱུར་པ་གང་ན་སུ་བཞུགས་ཐམས་ཅད་ཀྱང་སྐུ་ཚེ་བརྟན་ཅིང་། རྒྱལ་བསྟན་འཛིན་སྐྱོང་སྤེལ་བའི་མཛད་འཕྲིན་ཐམས་ཅད་ཡར་ཟླ་ལྟར་འཕེལ་བར་གྱུར་ཅིག ཚོགས་ན་སྤྱོད་པ་དང་དབེན་པའི་རིར་བཞུགས་པའི་དགེ་འདུན་དང་། རྣལ་འབྱོར་ཉམས་སུ་ལེན་པའི་སྒྲུབ་པ་པོ་ཕོ་མོ་ལ་སོགས་པ་ཐམས་ཅད་ཀྱང་བསླབ་པ་གསུམ་དང་། ཉམས་རྟོགས་ཡོན་ཏན་ཐམས་ཅད་གོང་ནས་གོང་དུ་འཕེལ་ཞིང་། ས་ལམ་གྱི་བར་ཆད་ཐམས་ཅད་ཞི་བར་གྱུར་ཅིག བླ་མ་མཆོག་གསུམ་སྐྱབས་ཡུལ་གོང་མ་རྣམས་ཀྱི་ཐུགས་རྗེ་དང་བྱིན་གྱིས་རླབས་པ་ལ་བསྟེན་ནས། སྦྱིན་པའི་བདག་པོ་འཁོར་དང་བཅས་པ་རྣམས་ལ་ཚེ་འདིར་བར་དུ་གཅོད་པའི་འགལ་རྐྱེན་མི་མཐུན་པའི་ཚོགས་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག བྱེ་བྲག་ཏུ་ཡང་ལས་ཉོན་གྱིས་བསྐྱེད་པའི་ནད་གདོན་བགེགས་ཀྱིས་འཚེ་བ། ཕ་རོལ་གྱི་རིགས་སྔགས་ལས་གྱུར་པའི་གནོད་པ་ཐམས་ཅད་ཉེ་བར་ཞི་བར་གྱུར་ཅིག ས་དང་ཆུ་དང་མེ་དང་རླུང་གི་གནོད་པ་དང་། ལོ་ཉེས་པ་དང་། བཀྲ་མི་ཤིས་པ་དང་། བྱུར་དང་། སྐལ་པ་ངན་པ་དང་། དགྲའི་གནོད་པ་དང་། འཇིགས་པ་བརྒྱད་དང་བཅུ་དྲུག་ལ་སོགས་པ་མི་མཐུན་པའི་ཚོགས་ཐམས་ཅད་ཞི་བར་གྱུར་ཅིག མཐུན་པའི་རྐྱེན་ཚེ་དང་དབང་ཕྱུག དཔལ་དང་གྲགས་པ། འཁོར་དང་ལོངས་སྤྱོད། བསོད་ནམས་དང་ཡེ་ཤེས་ལ་སོགས་པ་ཐམས་ཅད་འཕེལ་ཞིང་རྒྱས་པར་གྱུར་ཅིག མདོར་ན་རྒྱུའི་དུས་སུ་ཚོགས་གཉིས་རླབས་པོ་ཆེ་ཡོངས་སུ་བསོག་པར་ནུས་པའི་སྐལ་པ་དང་ལྡན་པར་གྱུར་ཅིག ལམ་གྱི་དུས་སུ་སྒྲིབ་གཉིས་བག་ཆགས་དང་བཅས་པ་སྦྱོང་བར་ནུས་པའི་སྐལ་བ་དང་ལྡན་གྱུར་ཅིག འབྲས་བུའི་དུས་སུ་དག་པ་གཉིས་ལྡན་གྱི་གོ་འཕང་རིན་པོ་ཆེ་ཐོབ་པའི་སྐལ་བ་དང་ལྡན་པར་གྱུར་ཅིག ཁྱད་པར་དུ་ཡང་གསང་སྔགས་རྡོ་རྗེ་ཐེག་པའི་སྒོར་འཇུག་པའི་སྐལ་བར་ལྡན་ཅིང་ལམ་རིམ་པ་གཉིས་ཀྱིས་རྒྱུད་སྦྱངས་ཏེ་མྱུར་དུ་ཟུང་འཇུག་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་རིན་པོ་ཆེ་ཐོབ་པར་གྱུར་ཅིག།།  །།

 

༈ འཇམ་དཔལ་དཔའ་བོས་ཇི་ལྟར་མཁྱེན་པ་དང་།།ཀུན་ཏུ་བཟང་བོ་དེ་ཡང་དེབཞིན་ཏེ།།

དེ་དག་ཀུན་གྱི་རྗེས་སུ་བདག་སློབ་ཕྱིར།།དགེ་བ་འདི་དག་ཐམས་ཅད་རབ་ཏུ་བསྔོ།།

༈ ལོ་བརྒྱ་འཚོ་ཞིང་སྟོན་བརྒྱ་མཐོང་བ་དང་།།ཚེ་རིང་ནད་མེད་བདེ་སྐྱིད་ཕུན་སུམ་ཚོགས།།

ཐེག་པ་མཆོག་ལ་ངེས་པར་འབྱུང་གྱུར་པའི།།བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །

༈ བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་།།མི་མཐུན་གནོད་པའི་རྐྱེན་དང་འབྲལ་བ་དང་།།

མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་གྱུར་པའི།།བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག།།

༈ སེམས་ཅད་ནད་པ་ཇི་སྙེད་པ།། མྱུར་དུ་ནད་ལས་ཐར་གྱུར་ཆིག།།

འགྲོ་བའི་ནད་ནི་མ་ལུས་པ།། རྟག་ཏུ་འབྱུང་བ་མེད་པར་ཤོག །

༈ པདྨ་རིག་ལུགས་སྔ་འགྱུར་རྫོགས་པ་ཆེ།། ངེས་དོན་སྙིང་པའི་ཤིང་རྟ་བདུད་འཇོམས་གླིང་།།

གང་གི་ཟབ་གཏེར་བསྟན་པ་སྲིད་མཐའི་བར།། མི་ནུབ་བཤད་དང་སྒྲུབ་པའི་འཛིན་འགྱུར་ཅིག།།།

རྒྱ་གར་ཨོ་ཌི་ཤ་སྔ་འགྱུར་རྙིང་མ་ཆོས་སྡེ་ཆེན་མོ་བདུད་འདུལ་རབ་བརྟན་གླིང་ལས་ཁང་ནས་༣༠།༡༠།༢༠༢༣ཉིན་ཕུལ།།  །།

Scroll to Top